༄༅།།བོད་ལྗོངས་ཁུལ་གྱི་ཐེངས་དང་པོའི་གཞི་རིམ་བོད་སྨན་སྨན་པར་ཀྲུང་ལུགས་ཁྱད་ལྡན་སྨནབཅོས་ལག་རྩལ་གསོ་སྦྱོང་བྱེད་པའི་རྣམ་གྲངས་མཇུག་སྒྲིལ་ལེགས་འགྲུབ་བྱུང་བ།།

西藏全区首届基层藏医生

“中医特色诊疗技术”培训项目

第一期培训班圆满结束

གསོ་སྦྱོང་མཇུག་སྒྲིལ་མཛད་སྒོར་བཞུགས་མཁན་དབུ་ཁྲིད་དང་མཁས་དབང་།སློབ་མ་རྣམས་ཀྱི་མཉམ་སྒྲོན་དྲན་རྟེན་འདྲ་པར།

学员与参加结业典礼的领导和杏林们合影留念

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་ཆེན་མོ་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་སྐུ་གཞོན་ལུའ་མའེ་རྣམས་གཉིས་ཀྱི་གསུང་གྲོས་སྐུལ་སྤེལ་གནང་བ་བརྒྱུད་བོད་རང་སྐྱོང་ལྗོངས་དང་ཧའེ་ནན་ཞིང་ཆེན་ནན་ཡང་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པའི་ཤུགས་ཆེའི་རྒྱབ་སྐྱོར།དེ་བཞིན་དགེ་སེམས་མི་སྣ་ཡོངས་ཀྱི་རོགས་རམ་འོག་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཨ་མ་ཚ་དགེ་སེམས་ཆེད་དོན་ཐེབས་རྩ་དང་བོད་ལྗོངས་འཕྲོད་བསྟེན་ཨུ་ལྷན།ཡའ་གླིང་ཀྲུང་ལུགས་སྨན་ཁང་།པེ་ཅིན་ཧྲེ་ལན་ཀྲན་ཀྲུང་ལུགས་སྐམ་ཁབ་ལག་རྩལ་ཞིབ་འཇུག་གླིང་།ནན་ཡང་གྲོང་ཁྱེར་ཡའ་ཐའེ་གྲུམ་ནད་རུས་ཆག་སྨན་ཁང་སོགས་ཀྱིས་མཉམ་དུ་སྤེལ་བའི་ཐེངས་དང་པོའི་བོད་ལྗོངས་སྨན་པའི་ཀྲུང་ལུགས་ཁྱད་ཆོས་ཀྱི་རྩ་རྒྱུད་སྐམ་ཁབ་ལག་རྩལ་གསོ་སྦྱོང་རྣམ་གྲངས་དེ་ལེགས་འགྲུབ་མཇུག་སྒྲིལ་བྱུང་བ་རེད།

在第十一世班禅大师和自治区罗梅副主席的倡导下,在西藏自治区和河南南阳相关部门的大力支持下,在爱心企业和人士的鼎力帮助下,由援助西藏发展基金会阿妈仓慈善专项基金和西藏卫健委、藏医药管理局主办,亚林中医医院、北京世针联中医微创针法研究院、南阳亚太风湿骨伤医院承办的,“西藏首届中医特色筋骨针法与水针刀技术培训项目”为主的第一期培训班圆满结束。

ཡུམ་ཆེན་ཡབ་གཞིས་བསམ་སྐྱིད་སྒྲོལ་མ་སྐུ་ངོ་མས་ནན་ཡང་གྲོང་ཁྱེར་དུ་ཕེབས་ནས་སློབ་མ་རྣམས་གསོ་སྦྱོང་བྱེད་ཡུལ་དུ་འཁྲིད་གནང་བ།

佛母尧西·桑吉卓玛女士亲自带领

学员们到医圣故里南阳学习培训

ད་ཐེངས་གསོ་སྦྱོང་བྱེད་སྒོའི་དམིགས་ཡུལ་ཁ་གསལ་ཞིང་གྲ་སྒྲིག་འཐུས་སྒོ་ཚང་བ་དང་བཀོད་སྒྲིག་ཡག་པོ།དོན་དངོས་དང་མཐུན་འཚམ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་བརྒྱུད་རིམ་ཡོངས་ལ་ཀུན་སྤྱོད་དང་དགེ་སེམས་གསོ་སྦྱོང་ཐད་གཙིགས་ཆེན་གནང་ཞིང་སྨན་བཅོས་ལག་རྩལ་གྱི་སྦྱངས་པ་དང་སྒྲིག་སྲོལ་དོ་ནན་ཆེ་བ།དགེ་རྒན་རྣམས་པས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འགན་འཁུར་ཆེས་ཟབ་པའི་སློབ་ཁྲིད་གནང་ཞིང་སློབ་མ་རྣམས་ནི་གུས་ཞབས་ཆེ་ལ་ལག་རྩལ་སློབ་སྦྱོང་ལ་ཧུར་བརྩོན་ཆེ་བ།བྱེད་སྒོའི་སྒྲིག་ཁྲིམས་ནན་པ་དང་གཙོ་སྐྱོང་ལས་ཁུངས་དང་སློབ་མ་རྣམས་པས་ལག་རྩལ་དངོས་སུ་སྦྱོང་སྤེལ་བྱ་རྒྱུ་གཙོ་བོར་དམིགས་ནས་བྱེད་སྒོ་ཡོངས་དགའ་སྤྲོ་དང་ཏན་ཏིག་ངང་སྤེལ་ཐུབ་པར་བྱུང་ཡོད།

本期培训目的明确,准备充分,安排周密,紧贴实际;本期培训以德为先,弘扬善爱,讲求医术,要求严格,严守规程;培训中杏林们言传身教,耐心讲解,无私奉献,学员们虚心求教,刻苦学习,严守纪律;承办方与全体学员,团结一心,以传授真功夫和学到真本领为第一要旨,使培训班办的即扎扎实实,又其乐融融。

དགེ་སློབ་རྣམས་སྨན་མཆོག་ལྷ་ཁང་དུ་ཕེབས་ནས་དགེ་རྒན་བསྟེན་པའི་བྱེད་སྒོ་སྤེལ་བ་དང་དྲན་རྟེན་འདྲ་པར་སྒྲོན་པ།

学员们在医圣祠举行了拜师仪式并合影留念

དབུ་འཛིན་ཧོང་ཡྰ་ལིན་དང་དགེ་རྒན་ཆེན་མོ་ཝུའུ་ཧན་ཆིང་རྣམས་གཉིས་ཀྱིས་སློབ་མ་རྣམས་ལ་གསོ་སྦྱོང་གོང་གི་སློབ་སྟོན་གནང་བ།

黄亚林院长、吴汉卿教授为学员做培训前指导

དགེ་རྒན་ཆེན་མོ་ཝུའུ་ཧན་ཆིང་གིས་སློབ་མ་རྣམས་ལ་ཀྲུང་ལུགས་སྐམ་ཁབ་སྨན་བཅོས་བེད་སྤྱོད་ལག་རྩལ་འཆད་ཁྲིད་གནང་བཞིན་པ།

吴汉卿教授为学员传授中医筋骨针法的临床应用

ཀྲུང་གོ་ཀྲུང་ལུགས་སྨན་བཅོས་ཚན་རིག་ཁང་གི་དབུ་འཛིན་ཀྲང་ཇིའི་མིང་གིས་སློབ་ཁྲིད་གནང་བཞིན་པ།

中国中医科学院张启明教授授课

ཀྲུང་གོ་ཀྲུང་ལུགས་སྨན་བཅོས་ཚན་རིག་ཁང་གི་དགེ་རྒན་ཆེན་མོ་སུང་ཅུན་གྱིས་སློབ་ཁྲིད་གནང་བཞིན་པ།

中国中医科学院宋军教授授课

པེ་ཅིང་ཧྲེ་ལན་ཀྲན་ཀྲུང་ལུགས་རྨ་ཕྲན་སྐམ་ཁབ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཁྲེན་ཧྲའོ་ཡུས་སློབ་ཁྲིད་གནང་བཞིན་པ།

北京世针联中医微创针法研究院陈少禹教授授课

ལུའོ་ཡང་རུས་ཆག་སྨན་ཁང་གི་དགེ་རྒན་ཆེན་མོ་ཀུའ་ཡུན་བང་གིས་འཇམ་འདེད་རུས་བཅོས་ལག་རྩལ་སློབ་ཁྲིད་གནང་བཞིན་པ།

洛阳正骨医院郭云鹏教授主讲

“平乐正骨手法”的临床应用

སློབ་མ་རྣམས་ཀྱིས་དགེ་རྒན་ཧན་ཤུས་ཏུང་གི་སློབ་ཁྲིད་ཉན་བཞིན་པ།

学员们在认真听韩旭东老师授课

པེ་ཅིང་ཧྲེ་ལན་ཀྲན་ཀྲུང་ལུགས་རྨ་ཕྲན་སྐམ་ཁབ་ཞིབ་འཇུག་ཁང་གི་དགེ་རྒན་ཀྲང་ཧུང་པུའ་ཡིས་སློབ་ཁྲིད་གནང་བཞིན་པ།

北京世针联中医微创针法研究院张洪波老师授课

སློབ་མ་རྣམས་ཀྱིས་དེང་རབས་གཤགས་བཅོས་སྐོར་གྱི་སློབ་ཚན་ཉན་བཞིན་པ།

学员们在学习现代医学解剖课

དགེ་རྒན་ཝུའུ་རུའི་ཅུན་གྱིས་རྩ་རྒྱུད་ཡན་ལག་བཅུ་བཞིའི་གནས་སྟངས་སྐོར་གྱི་སྨན་བཅོས་ལག་རྩལ་སློབ་ཁྲིད་གནང་བཞིན་པ།

吴军瑞老师讲解

“十四经筋区带三关定位法”的临床应用

བོད་རིགས་སློབ་མ་སྐལ་བཟང་གིས་རང་འགུལ་ངང་རྒན་ལགས་ཀྱི་སློབ་ཚན་ལ་གཞོགས་འདེགས་བྱེད་བཞིན་པ།

藏族学员格桑主动配合老师授课

དགེ་རྒན་ཆེན་མོ་ཁྲེན་ཁྲུན་ཧའ་ཡིས་ཀྲུང་ལུགས་གསང་མིག་ཁབ་བཙའི་སྨན་བཅོས་སློབ་ཁྲིད་གནང་བཞིན་པ།

陈春华教授为学员传授中医针灸腧穴临床应用

ཀྲུང་གོ་ཀྲུང་ལུགས་སྨན་བཅོས་ཞིབ་འཇུག་ཁང་གི་འབུམ་རམས་དགེ་རྒན་ཆེན་མོ་ཏའེ་ཅིན་ཀང་གིས་སློབ་ཁྲིད་གནང་བཞིན་པ།

中国中医科学院代金刚博士授课

ཧྲེ་རྒྱུད་ཀྲུང་ལུགས་སྐམ་ཁབ་དགུའི་ལག་རྩལ་གསར་པའི་སློབ་གཉེར་ཡུལ་དངོས།

师氏新九针疗法的临床应用授课现场

དགེ་རྒན་ཡང་ཅུན་ཡའ་ཡིས་སློབ་མ་རྣམས་ལ་ཀྲུང་ལུགས་རྩ་རྒྱུད་ཐིག་གི་རི་མོའི་སྨན་བཅོས་སྐོར་གྱི་སློབ་དེབ་དང་རི་མོ་བསྩལ་གནང་བ།

杨俊亚老师为学员赠送

中医穴位埋线疗法的书籍与挂图

དགེ་རྒན་ཡང་ཤིན་ཀུའི་ཡིས་སློབ་ཁྲིད་གནང་བའི་ཡུལ་དངོས།

杨新贵老师授课现场

དགེ་རྒན་ལིང་སེན་གྱིས་བྱིས་པའི་འཕུར་འདེད་སྨན་བཅོས་ལག་རྩལ་སློབ་ཁྲིད་གནང་བ།

林森老师主讲:小儿推拿疗法的临床应用

སློབ་ཚན་ཚོགས་ཞོར་དུ་སློབ་མ་ཕན་ཚུན་ལག་རྩལ་དངོས་སྦྱོང་བྱེད་བཞིན་པ།

利用课间,学员们相互之练习手法

དགེ་རྒན་ཁོང་ཇན་གྱིས་ཀྲུང་ལུགས་རུས་ཆག་སྨན་བཅོས་ལག་རྩལ་སློབ་ཁྲིད་གནང་བ།

匡乾老师主讲:中医正骨手法的临床应用

ཀྲུང་གོ་ཀྲུང་ལུགས་སྨན་བཅོས་འབུམ་རམས་པ་དགེ་རྒན་ཞུས་ཡང་གིས་དེང་རབས་ཀྲུང་ལུགས་ནད་འགོག་སྨན་བཅོས་ལག་རྩལ་སློབ་ཁྲིད་གནང་བ།

中国中医学科院徐杨博士主讲:

中医治未病的现代化诊断与调理

དགེ་རྒན་ཆེན་མོ་ཡང་ཅིན་སུའ་ཡིས་ཀྲུང་ལུགས་འཕུར་འདེད་སྨན་བཅོས་ལག་རྩལ་སློབ་ཁྲིད་གནང་བ།

杨金锁教授主讲:

中医推拿手法的临床应用

དགེ་རྒན་ཧོང་སྦའོ་ཅུན་གྱིས་སྐམ་ཁབ་དང་པོའི་སྨན་བཅོས་ལག་རྩལ་བེད་སྤྱོད་སྐོར་འཆད་སྟོན་གནང་བ།

黄宝俊老师演示操作头针疗法的临床应用

སློབ་མ་རྣམས་ཀྱིས་ནན་ཏན་ངང་སློབ་ཚན་ཉན་བཞིན་པ།

学员们在认真的听课

ད་ཐེངས་གསོ་སྦྱོང་བྱེད་སྒོ་ཡོངས་སུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་སྨན་དང་ཀྲུང་ལུགས་སྨན་བཅོས་ལག་རྩལ་གཉིས་ཀྱི་སྙིང་བཅུད་བསྡུ་རུབ་ཀྱིས་བོད་ཁུལ་སྨན་པའི་སྨན་བཅོས་ལག་རྩལ་མཐོར་གདེགས་བཏང་སྟེ་བོད་ལྗོངས་མི་དམངས་ལ་ཕན་བདེ་བསྐྲུན་ཐུབ་པ་བྱེད་དགོས་ཅེས་པའི་བཀའ་སློབ་རྩ་དོན་དུ་བཟུང་སྟེ་ཨ་མ་ཚང་དགེ་སེམས་ཆེད་དོན་ཐེབས་རྩའི་སྐུལ་སློང་བ་ཡབ་གཞིས་བསམ་སྐྱིད་སྒྲོལ་མའི་སྣེ་ཁྲིད་འོག་གཙོ་གཉེརཚན་པ་དང་ཡོངས་སྤེལ་ཚན་པ།ཡོན་ཀྲང་ཧོང་ཡྰ་ལིན་དང་དགེ་རྒན་ཆེན་མོ་ཝུའུ་ཧན་ཆིང་གི་ཆེས་རིན་ཐང་བྲལ་བའི་སྨན་བཅོས་མི་སྣའི་བྱམས་སེམས་དང་རྩེར་སོན་ལག་རྩལ་གྱི་སྣེ་ཁྲིད་བཅས་ཀྱི་འོག་བོད་ལྗོངས་ས་ཁུལ་གྱི་གཞི་རིམ་སྨན་པའི་སློབ་མ་རྣམས་ལ་ནང་སར་སྙན་གྲགས་ཆེ་བའི་ཀྲུང་ལུགས་སྨན་བཅོས་མཁས་དབང་དང་དགེ་རྒན་ཆེན་མོ་བཅོ་བརྒྱད་གདན་ཞུ་གནང་སྟེ་གཙོ་བོའི་སྨན་བཅོས་ལག་རྩལ་སྣ་ཁ་བརྒྱད་སློབ་ཁྲིད་གནང་ཡོད་པ་སྟེ།ཀྲུང་ལུགས་ཁྱད་ཆོས་ཀྱི་རྩ་རྒྱུད་སྐམ་ཁབ་ལག་རྩལ་དང་ཀྲུང་ལུགས་རྨ་ཕྲན་སྐམ་ཁབ་ལག་རྩལ།ཁྱད་ལྡན་སྐམ་ཁབ་ལག་རྩལ་དང་སྣ་དགུའི་སྐམ་ཁབ་ལག་རྩལ།ཀྲུང་ལུགས་འཕུར་འདེད་སྨན་བཅོས་ལག་རྩལ་དང་འཇམ་འདེད་རུས་ཆག་སྨན་བཅོས་ལག་རྩལ།ཀྲུང་ལུགས་བྱིས་ནད་འཕུར་འདེད་སྨན་བཅོས་ལག་རྩལ།དེང་རབས་སྨན་བཅོས་གཤགས་བཅོས་ལག་རྩལ།ཀྲུང་ལུགས་ཀྱི་ནད་གཞིའི་སྔོན་འགོག་དེང་རབས་སྙོམ་སྒྲིག་སྨན་བཅོས་ལག་རྩལ་བཅས་སློབ་ཁྲིད་གནང་ཡོད།སློབ་ཁྲིད་ཁྲོད་དགེ་རྒན་རྣམས་པས་དུས་རྒྱུན་དུ་བེད་སྤྱོད་ཆེ་བ་དང་སྨན་ནུས་ཆེ་བའི་སྨན་བཅོས་ལག་རྩལ་རྣམས་རི་མོ་དང་བརྙན་ཐུང་།དངོས་གཞིའི་ཁྲིད་སྟོན།ནག་པང་སུག་འབྲི་སོགས་ཀྱི་ཐབས་ལམ་ནས་སློབ་མ་རྣམས་ལ་སློབ་ཁྲིད་གནང་བ་དང་དེ་བས་སློབ་ཚན་ཐོག་སློབ་མ་རྣམས་དང་ཕན་ཚུན་འདྲི་བ་ལེན་རེས་གནང་བས་སློབ་མ་རྣམས་ལ་ལག་རྩལ་སྦྱོང་བརྡར་ལེགས་པོ་བྱུང་ཡོད།

培训班牢记班禅大师提出的:“藏医、中医相互结合,相互学习,提高藏区临床医生的治疗水平,造福西藏人民的健康”的要求,在阿妈仓慈善专项基金发起人佛母尧西·桑吉卓玛女士的带领下,主办方与承办方通力合作,黄亚林院长和吴汉卿教授惺惺相惜,以大爱的情怀,高尚的医德,严谨的医术,为来自西藏自治区基层医院的学员们,确定了八个专题内容——中医特色筋骨针法、中医微创水针刀技术、特色针灸与新九针疗法、中医推拿诊治、平乐正骨手法、中医小儿推拿、现代医学解剖、中医治未病的现代化诊断与调理等,邀请了18位著名中医专家、教授授课。在260个学时中,专家、教授通过图片、视频、实操、板书等多种教学形式,进行了实用性强、疗效突出、易于掌握的专题授课;授课中,专家、教授与学员紧密互动,使学员们受益匪浅。

ཡབ་གཞིས་བསམ་སྐྱིད་སྒྲོལ་མ་གསོ་སྦྱོང་བྱེད་ཡུལ་དངོས་སུ་ཕེབས་ནས་སློབ་མ་རྣམས་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་ཞེས་སྐུལ་ལྕག་ཐེངས་མང་གནང་བ།

尧西·桑吉卓玛女士亲临授课现场,

嘱咐学员们一定要好好学习

གསོ་སྦྱོང་བྱེད་སྒོའི་རིང་དབུ་འཛིན་ཧོང་ཡྰ་ལིན་གྱིས་རང་སྨན་ཁང་གི་བྲེལ་འཚུབ་ཆེ་བའི་ཕྱག་ལས་དང་གསོ་སྦྱོང་བྱེད་སྒོ་གཅིག་ལྕོགས་ཀྱིས་ཉིན་ལྟར་གསོ་སྦྱོང་བྱེད་ཁུལ་དུ་ཕེབས་པ་དང་མཉམ་དུ་སློབ་སྦྱོང་ལ་བཞུགས་པ།རེ་བ་ནན་པོས་སློབ་མ་རྣམས་ཀྱི་སྨན་བཅོས་ལག་རྩལ་འདྲི་བར་ཁྲིད་སྟོན་གནང་ཡོད་པ་དང་དགེ་རྒན་ཆེན་མོ་ཝུའུ་ཧན་ཆིང་གིས་ཀྱང་ཐོག་མཐའ་བར་གསུམ་དུ་དཀའ་ངལ་མི་འཛེམས་པར་གསོ་སྦྱོང་སློབ་ཚན་ཚང་མ་གྲ་སྒྲིག་དང་རང་གི་ལས་རོགས་ཚོགས་པའི་སྣེ་ཁྲིད་དེ་འབྲེལ་ཡོད་ཚན་པར་འབྲེལ་གཏུགས་ཀྱིས་སློབ་ཚན་ནང་དོན་བཀོད་སྒྲིག་ལེགས་པོ་གནང་བ་སོགས་ཁོང་གཉིས་ཀྱིས་རིན་མེད་གཞན་ཕན་གྱི་ལྷག་བསམ་ཟོལ་མེད་བཅངས་ནས་གསོ་སྦྱོང་བྱེད་སྒོ་ཡོངས་སུ་ལེགས་པོར་སྤེལ་གནང་ཡོད།དེར་བཞུགས་བོད་ལྗོངས་ཁུལ་གཞི་རིམ་སྨནཔའི་གསོ་སྦྱོང་སློབ་མ་༢༧གྱིས་ཀྱང་བྱེད་སྒོའི་རིང་འཚོ་བའི་ཆ་རྐྱེན་ཅུང་ཞན་ཙམ་གྱི་དཀའ་ངལ་ཁྱད་བསད་ཀྱིས་རང་འགུལ་ངང་རང་སོར་རེ་བ་ནན་པོ་བཅོལ་ཏེ་ཉིན་མཚན་མེད་པར་སྨན་བཅོས་ལག་རྩལ་ལ་སྦྱངས་པ་ཆེར་བསྐྱེད་གནང་བས་སྨན་པའི་བྱང་ཚད་དང་ལག་རྩལ་ཆུ་ཚད་སོགས་ཀྱི་ཐད་འབྲས་བུ་ཆེན་པོ་ཐོབ་ཡོད།

培训中,黄亚林院长主动放弃本院紧张而繁忙的工作,始终坚守在培训班,一天也没有离开,他还坚持跟班学习,严格要求每一名学员,积极主动解决相关问题;吴汉卿教授百忙中,不辞劳苦,不讲报酬,精心准备,精心教学,寓教于乐,他还带领他的团队,紧密协调各方面,使承办方如同一人,使教学有条不紊;学员们在培训期间,不讲学习条件,不提无关要求,自觉尊重每一位杏林,自觉严格要求,自觉刻苦学习医疗技术。培训课程虽然紧凑(上、下午和晚上均有培训课程),但所有学员在探索新知识的同时,都为能在短短的时间内,学到优秀的医德医风和真本领,而感到开心自豪。来自西藏自治区基层医院的27名藏医生参加了本期培训。

སློབ་མའི་འཐུས་མིས་དབུ་འཛིན་ཧོང་ཡྰ་ལིན་ལ་གོས་དར་དང་མཇལ་དར་ཕུལ་ནས་དྲིན་གསོལ་ཞུ་བཞིན་པ།

学员代表向黄亚林院长赠送锦旗

སློབ་མའི་འཐུས་མིས་དགེ་རྒན་ཆེན་མོ་ཝུའུ་ཧན་ཆིང་ལ་གོས་དར་དང་མཇལ་དར་ཕུལ་ནས་དྲིན་གསོལ་ཞུ་བཞིན་པ།

学员代表向吴汉卿教授赠送锦旗

སློབ་མཇུག་མཛད་སྒོའི་སྟེང་སློབ་མ་རྣམས་ཀྱིས་འབྲེལ་ཡོད་དབུ་ཁྲིད་དང་མཁས་དབང་།དགེ་རྒན་རྣམས་ལ་དཀར་གཙང་མཇལ་དར་ཕུལ་ནས་དྲིན་གསོལ་ཞུ་བཞིན་པ།

结业典礼上学员们给参加结业典礼的

领导、专家们敬献洁白的哈达以表感激之情

ནན་ཡང་གྲོང་ཁྱེར་འཕྲོད་བསྟེན་འཆར་འགོད་ཨུད་ཀྱི་ཀྲུའུ་རེན་སྐུ་གཞོན་ཁྲེན་ཧྲའོ་ཡུས་གསོ་སྦྱོང་་མཇུག་སྒྲིལ་མཛད་སྒོ་གཙོ་སྐྱོང་གནང་བཞིན་པ།

南阳市卫计委副主任陈少禹教授主持结业典礼

བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཨ་མ་ཚང་དགེ་སེམས་ཆེད་དོན་ཐེབས་རྩས་ནན་ཡང་གྲོང་ཁྱེར་འཕྲོད་བསྟེན་འཆར་འགོད་ཨུད་ལ་གོས་དར་ཕུལ་གནང་བ།

援助西藏发展基金会阿妈仓慈善专项基金

向南阳市卫计委赠送锦旗

བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཨ་མ་ཚང་དགེ་སེམས་ཆེད་དོན་ཐེབས་རྩས་ནན་ཡང་གྲོང་ཁྱེར་ཀྲུང་ལུགས་སྨན་རྫས་དོ་དམ་ཅུད་ལ་གོས་དར་ཕུལ་གནང་བ།

援助西藏发展基金会阿妈仓慈善专项基金

向南阳市中医药管理局赠送锦旗

བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཨ་མ་ཚང་དགེ་སེམས་ཆེད་དོན་ཐེབས་རྩས་ཡའ་གླིང་ཀྲུང་ལུགས་སྨན་ཁང་ལ་གོས་དར་ཕུལ་གནང་བ།

援助西藏发展基金会阿妈仓慈善专项基金

向亚林中医医院赠送锦旗

བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཨ་མ་ཚང་དགེ་སེམས་ཆེད་དོན་ཐེབས་རྩས་པེ་ཅིན་ཧྲེ་ལན་ཀྲན་ཀྲུང་ལུགས་རྨ་ཕྲན་སྐམ་ཁབ་སྨན་བཅོས་ཞིབ་འཇུག་ཁང་ལ་གོས་དར་ཕུལ་གནང་བ།

援助西藏发展基金会阿妈仓慈善专项基金

向北京世针联中医微创针法研究院赠送锦旗

སློབ་མ་ནོར་བུ་དབང་ཆེན་གྱིས་གསོ་སྦྱོང་མཇུག་སྒྲིལ་མཛད་སྒོར་སློབ་མ་ཡོངས་ཀྱི་ཚབ་ཞུས་ཏེ་གསོ་སྦྱོང་མྱོང་ཚོར་ཀློག་བཞིན་པ།

学员罗布旺青在结业典礼上

代表全体学员宣读“培训感言”

མཇུག་སྒྲིལ་མཛད་སྒོའི་ཐོག་སློབ་མ་རྣམས་ཀྱིས་གླུ་སྒྲའི་ཐོག་ནས་དགེ་རྒན་རྣམས་ལ་དྲིན་ཚོར་ཞུ་བཞིན་པ།

结业典礼上学员们用歌声表达了他们的感恩之心

ད་ཐེངས་སྨན་བཅོས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་དེ་བདེ་བླག་དང་རྒྱལ་ཁའི་ངང་ཡོངས་སུ་སྤེལ་ཡོད་ལ་གྲུབ་འབྲས་ཡང་ཆེན་པོ་ཐོབ་ཡོད།ངེད་ཐེབས་རྩས་མུ་མཐུད་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་པ་དང་གསུམ་པ་ཡང་སྤེལ་རྒྱུ་ཡིན་པས་སྐབས་དེར་ང་ཚོའི་བོད་ལྗོངས་གཞི་རིམ་གྱི་ཕུལ་བྱུང་སྨན་དོན་མི་སྣ་གཞན་ལ་ཡང་ཀྲུང་ལུགས་ཁྱད་ལྡན་སྨན་བཅོས་ལག་རྩལ་གྱི་གསོ་སྦྱོང་ཡག་པོ་ཐེབས་རྒྱུ་རེད།

第一期培训班安全、顺利、圆满、成功,我们还将组织第二和第三期培训班。届时将选择优秀基层藏族骨干医生,参加中医特色诊疗适宜新技术的培训。

གསོ་སྦྱོང་མཇུག་སྒྲིལ་མཛད་སྒོའི་ཐོག་སློབ་མ་རྣམས་ལ་ཐེངས་འདིའི་གསོ་སྦྱོང་རྣམས་གྲངས་ཀྱི་སློབ་གནས་སློབ་སྐར་དཔང་འཛིན་ཕུལ་གནང་བ།

结业典礼上为学员们颁发

本次培训项目的“学业及学分证书”

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་མོའི་དང་ཀྲུའུ་ཞི་སྐུ་གཞོན་ལུའ་མའེ་རྣམས་པ་གཉིས་ཀྱི་ཡངས་རྩེའི་འཆར་འགོད་དང་ཨ་མ་ཚང་དགེ་སེམས་ཆེད་དོན་ཐེབས་རྩའི་སྐུལ་སློང་བ་ཡུམ་ཆེན་ཡབ་གཞིས་བསམ་སྐྱིད་སྒྲོལ་མའི་སྣེ་ཁྲིད།དེ་བཞིན་གསོ་སྦྱོང་གཙོ་གཉེར་གཙོ་སྤེལ་ཚན་པའི་ཕན་ཚུན་མཉམ་ལས་དང་དགེ་སེམས་ཁེ་ལས་དང་དགེ་སེམས་མི་སྣའི་ཤུགས་ཆེའི་རྒྱབ་སྐྱོར་འོག་ད་ཐེངས་གསོ་སྦྱོང་འཛིན་གྲྭ་དེ་ཁྱད་ཆོས་ལྡན་པ་དང་ཀུན་ཡིད་མགུ་བ།མུ་མཐུད་འཕེལ་རྒྱས་འགྲོ་འདོད་པ་ཞིག་ཏུ་སྤེལ་ཐུབ་ཡོད།

我们坚信,在第十一世班禅大师和罗梅副主席的顶层设计下,在阿妈仓慈善专项基金发起人尧西·桑吉卓玛女士带领下,在主、承办方的通力合作下,在爱心企业和爱心人士的大力支持下,在学员们的滋滋追求下,培训班会办的更有特色,更有魅力,更有发展。

གསོ་སྦྱོང་བྱེད་སྒོ་མཇུག་སྒྲིལ་སྐབས་དགེ་སློབ་ཕན་ཚུན་དབར་ཁ་བྲལ་དཀའ་བའི་བརྩེ་དུང་ཞིག་ཆགས་པ།

离别瞬间学员恋恋不舍

关注阿妈仓